[001A] །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། འདིར་འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་མདོར་བསྡུས་ཉམས་སུ་ལེན་ཚུལ་ནི། སྒྲུབས་ཡུལ་གསལ་ བཏབ་ལ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་ སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་གྱིས་སྐྱབས་འགྲོ་དང། བདག་གིས་སེམས་ཅན་ཐམས་ཅད་ཀྱི་རྨོངས་པའི་མུན་པ་གསལ་ ནས་ཤེས་རབ་ཀྱི་སྣང་བ་རྒྱས་པར་བྱ། དེའི་ཕྱིར་དུ་འཕགས་པ་འཇམ་དཔལ་གྱི་བསྒོམ་བཟླས་ཟབ་མོ་ཉམས་སུ་བླང་བར་བྱའོ། །ལན་གསུམ་གྱིས་སེམས་བསྐྱེད་ལ། རང་ [002A]༄༅། །སྐད་ཅིག་གིས་འཕགས་པ་འཇམ་དཔལ་དུ་གསལ་བའི་ཐུགས་ཀའི་དྷཱི་ཡིག་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་འཕགས་པ་འཇམ་དཔལ་ལ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ་ཞེས་སྤྱན་དྲངས། ན་མོ་གུ་རུ་བྷྱ་ན་མཿ་སརྦ་ཏ་ཐཱ་ག་ཏ་ཨཱ་རྱ་མཉྫུ་ཤྲཱི་ས་པ་རི་ཝཱ་རེ་བྷྱ་ཞེས་ཕྱག་ བཙལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་རྱ་མཉྫུ་ཤྲཱི་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཡེ་སཱ་ཧཱ། པཱ་དྱཾ་པྲ་ཏཱ་ཙྪ་ཡེ་ས་ཧཱ། བཛྲ་པུཥྤ། དྷཱུ་པེ། ཨཱ་ལོ་ཀཻ། གནྡྷེ། ནཻ་ཝི་དཡེ། ཤཔྟ་ཨཱ་ཧཱུཾ། ཞེས་མཆོད་ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། །ལེན་གསུམ་གྱིས་ རྒྱུན་བཤགས་དང། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་བདེ་བ་དང་མི་འབྲལ་བར་གྱུར་ཅིག་བཏང་སྙོམས་ལ་གནས་པར་ [002B]ཅེས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷ་ཉཧཾ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་སྙིང་སྒོ་ང་ལྟ་བུའི་ནང་དུ་པཾ་ལས་པདྨ་དཀར་པོ་འདབ་མ་དྲུག་པའི་ ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དྷཱི་ཡིག་དམར་སེར་རིང་ཆ་ཚིག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་འཇམ་ དཔལ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱི། གཡས་རལ་གྲི་དང། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་སྟེང་དུ་གླེགས་བམ་བསྣམས་པ། མཚན་དཔེས་མཛེས་ཤིང་ལང་ཚོ་བཅུ་དྲུག་ལོན་པའི་ན་ ཚོད་ཅན། རལ་པའི་ཟུར་ཕུད་གཡོན་དུ་སྤུད་ཅིང་ཞི་འཛུམ་སྒེག་པའི་ཉམས་དང་ལྡན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་ཀླུབས་ཤིང་ཟླ་བའི་རྒྱབ་ཡོལ་ཅན། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དབུས་ན་ཞབས་ རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཿ་ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་ཨོཾ་བཛྲ་ས་མཱ་ཛཿ་ཛཿ་ཧཱུཾ་བཾ་ཧོཿ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཅེས་བསྐྱེད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་ཨཱ་ [003A]༄༅། །ཧཱུཾ་གི་བར་གྱིས་སྔར་ལྟར་མཆོད། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེ་རབ་གསལ་ཞིང། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་ པས་བསྟོད། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་འཁོར་ལོ་སེར་པོ་རྩིབས་དྲུག་པའི་ལྟེ་བར་དྷཱི་རྩིབས་ལ་འབྲུ་དྲུག་མུ་ཁྱུད་ལ་ཤེས་རབ་བློ་འཕེལ་གྱི་གཟུངས་སྔགས་འཁོད་པའི་འོད་ཟེར་གྱིས་རང་གཞན་གྱི་རྨོངས་ མུན་བསལ། འཁོར་འདས་ཀྱི་མཁྱེན་རབ་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པར་གྱུར་པར་བསམས་ལ། ན་མོ་མཉྫུ་ཤྲི་ཡེ། ཀུ་མཱ་ར་བཧུ་ཏཱ་ཡ། བོ་དཧི་ས་ཏཱ་ཡ། མཧཱ་ས་ཏཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ ར་ཛེ། བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ཡ། བི་ཤོ་དྷ་ཡ། ཨ་མ་ལེ། བི་མ་ལེ། ནིར་མ་ལེ། ཛ་ཡ་ཝ་རེ། རུ་རུ་ཙ་ལེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སཱ་ཧཱ། ཞེས་དང། ཨོཾ་ཨ་ར་པ་ཙ་ན་དྷཱི་ཞེས་བཟླས་རྗེས། སྔར་ལྟར་ མཆོད་བསྟོད་དང་ཡིག་བརྒྱས་བརྟན་པར་བྱས་ལ། ལྕེའི་རྩ་བར་དྷཱི་མགོ་གྲེ་ཕུགས་སུ་བསྟན་པ་ལ་དམིགས་ནས་དབུགས་ཐངས་གཅིག་ལ་དྷཱི་བརྒྱ་རྩ་གཅིག་བགྲངས་ཏེ། ལུས་ཐམས་ཅད་དྷཱི་ར་གྱུར་པར་བྶཾ་ དེ་ནས། དགེ་བ་འདི་ཡིས་མྱུར་དུ་བདག་འཕགས་པ་འཇམ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་ [003B] །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག་ཅེས་བསྔོ་སྨོན་དང་ཤིས་བརྗོད་བྱའོ། །ཞེས་འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་མདོར་བསྡུས་འདི་ཡང་ འདི་སྐོར་གྱིས་དགེའི་ཡིག་ཆ་མང་དུ་མཐོང་བའི་ལེགས་ཆ་ཕྱོགས་གཅིག་ཏུ་བསྡུས་ཏེ་དགེ་སློང་དྷརྨ་བྷ་དྲས་སྦྱར་བའོ།།